རོགས་པ་བྱེད་སྟངས།

ཞལ་འདེབས།

ང་ཚོ་བོད་རིགས་རྣམས་ལ་མཚོན་ནས་བརྗོད་ན། ཧོན་ལན་སྤྱི་ཚོགས་ཧྲིལ་པོར་ངོ་མཚར་ཆེ་ལ། རིན་ཐང་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་སྟེ། བྱམས་དང་སྙིང་རྗེའི་གོམས་སྲོལ་བཟང་པོ་ལེགས་སྐྱེས་སུ་འབུལ་རྒྱུ་ཡོད་པས། བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་འཛུགས་བསྐྲུན་བྱེད་པ་བརྒྱུད་ནས་ཤེས་རིག་བརྗེ་ལེན་གྱི་ཟམ་པ་ཞིག་ཏུ་འགྱུར་རྒྱུའི་ཆེད་དུ་ང་ཚོར་རོགས་སྐྱོར་གནང་རོགས།

ཞལ་འདེབས་གནང་ན་ཁྲལ་གྱི་ཁེ་ཕན།

གལ་ཏེ་ཁྱོད་ཀྱིས་དུས་ཡུན་ངེས་ཅན་ཞལ་འདེབས་ཞེས་པ་བདམས་ཏེ་སོ་སོའི་ཞལ་འདེབས་ཐོ་འགོད་བྱེད་པ་ཡིན་ན། བོད་རིགས་ཚོགས་པར་ཕུལ་བའི་ཞལ་འདེབས་ཀྱི་ཆ་ཤས་མང་ཆེ་བ་ཁྲལ་བསྡུ་ལས་ཁུངས་ནས་ཕྱིར་བསློག་ངེས་རེད། དུས་ཡུན་ངེས་ཅན་ཞལ་འདེབས་ང་ཚོས་རྒྱུན་རིང་རོགས་སྐྱོར་གནང་མཁན་ཞིག་ཏུ་བརྩི་ཆོག་སྟབས། དེས་མ་འོངས་པར་ང་ཚོས་ལས་དོན་བསྒྲུབ་ཡ་ལ་བརྟན་ཆ་ཡོང་རྒྱུ་ཡིན་པས་དེ་ལྟར་གནང་ཐུབ་ཚེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

ཞལ་འདེབས་ཕོན་ཆེ་བ།

ང་ཚོས་ཞལ་འདེབས་གནང་མཁན་མང་པོའི་རོགས་རམ་འོག་ནས་ང་ཚོའི་དམིགས་དོན་མགྱོགས་མྱུར་བསྒྲུབ་ཐུབ་ངེས་རེད། ད་ལྟའི་ཆར་ང་ཚོས་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞིག་མངོན་འགྱུར་ཡོང་བ་རང་གི་ཐོག་ལ་འབད་བརྩོན་བྱེད་བཞིན་ཡོད་པས། དམིགས་ཡུལ་འདི་མངོན་འགྱུར་ཡོང་བར་ཞལ་འདེབས་གནང་མཁན་གང་མང་ཕེབས་ནས་ང་ཚོར་རོགས་རམ་གནང་བའི་རེ་བ་ཞུ་བཞིན་ཡོད།

ཧུར་བརྩོན་ཅན་གྱི་གྲོགས་པོ་ཞིག་ཆགས་རྒྱུ།

ཁྱོད་ཀྱིས་དཔལ་འབྱོར་ཞལ་འདེབས་གཅིག་པུ་བརྒྱུད་ནས་རོགས་རམ་བྱ་རྒྱུ་མ་ཡིན་པར། གལ་ཏེ་ཁྱོད་ལ་འདོད་པ་ཡོད་ཚེ་ཁྱོད་ཀྱི་དུས་ཚོད་ཁོམ་པ་བེད་སྤྱོད་བཏང་བའམ། ཡང་ན་དམིགས་བསལ་གྱི་ལག་རྩལ། དམིགས་དོན་དང་འབྲེལ་བ་ ཡོད་པའི་འབྲེལ་བ་བྱ་ཡུལ། དེ་མིན་ཐབས་ལམ་སྣ་ཚོགས་སྤྱད་ནས་ང་ཚོར་རོགས་པ་བྱེད་ཐུབ་པས་ང་ཚོ་ལ་འབྲེལ་གཏུགས་གནང་རོགས། ང་ཚོས་ཁྱོད་ཀྱིས་ང་ཚོའི་ཚོགས་པ་དང་ལས་འཆར་ཁག་ནུས་པ་ཆེ་རུ་བཏང་བར་ཕྱོགས་གང་ཞིག་ནས་རོགས་པ་བྱེད་ཐུབ་ས་རེད་བལྟ་རྒྱུ་ཡིན།

Share This