བོད།

ས་གཞིའི་རྒྱ་ཁྱོན། (སྤྱི་ལི་གྲུ་བཞི་མ་ )

མི་འབོར།

%

ནང་པ་སངས་རྒྱས་པ།

སྤྱི་སྙོམ་ས་ངོས་ཀྱི་མཐོ་ཚད། (ཧྥེ་ཏྲི་་་)

བོད་ཀྱི་ཡུལ་ལྗོངས་ནི་འཛམ་གླིང་གི་ཡང་ཐོག་གམ་མཐོ་སྒང་ཞེས་གྲགས་ཤིང་། དེར་རྩི་ཤིང་དང་རི་དྭགས། གཏེར་མཁར་སྣ་ཚོགས་ཀྱིས་ཕྱུག་པའི་ཡུལ་ལུང་ཞིག་སྟེ། རྒྱ་ཁྱོན་ལ་སྤྱི་ལི་གྲུ་བཞི་མ་ས་ཡ་གཉིས་དང་ཚེག་ལྔ་ལས་མང་བ་ལྡན་པའི་ཡུལ་ལྗོངས་ཤིག་རེད། ས་ཁུལ་ཡོངས་རྫོགས་ཐོན་ཁུངས་ཅི་ཡང་མ་མཆིས་པའི་ཡོངས་གྲགས་ཀྱི་བསམ་ཕྱོགས་ལྟར་མ་ཡིན་པར། ས་ཁྱོན་རྒྱ་ཆེར་ཁེགས་པའི་ནགས་ཚལ་དང་། ཕྱུགས་ལས་གསོ་སྐྱོང་གི་ལས་རིགས་གཉེར་མཁན་འབྲོག་པའི་ནོར་ལུག་འཚོ་སའི་མུ་མཐའ་བྲལ་བའི་འོས་འཚམས་ཀྱི་རྩྭ་ཐང་ཡོད་ཁར། ཞིང་ཁ་འདེབས་ལས་བྱེད་མཁན་ལ་མཁོ་བའི་གཤིན་སའང་རྒྱ་ཆེན་པོ་ཡོད། མཐའ་འཁོར་ནས་རྩེ་མོར་ཁ་བས་གཡོགས་པའི་གངས་རིའི་ཕྲེང་བས་བསྐོར་ཅིང་། མཚོ་དང་འཚེའུ་དུ་མས་བརྒྱན་པའི་ཡུལ་ལྗོངས་ཤིག་ཡིན་པ་མ་ཟད། གཙང་ཆེན་དུ་མ་འབྱུང་སའི་ཁུངས་ཀྱང་ཡིན།

བོད་ཀྱི་ཁྱིམ་མཚེས་ལ་རྒྱ་གར་དང་། བལ་ཡུལ། འབྲུག ལྷོ་རུ་རྦ་མར་དང་། བྱང་དུ་ཤར་ཏུ་ཀི་སི་ཐན། ཤར་དུ་རྒྱ་ནག་བཅས་ཀྱི་དབུས་སུ་གནས་པའི་ས་ཁ་མཐོ་ཤོས་ཡིན་པའི་ཁྱད་ཆོས་གཅིག་པུ་ཙམ་མ་ཡིན་པར་། འཐབ་བྱུས་གནས་བབ་ཀྱི་ཐོག་ནས་གླིང་ཆེན་ཨེ་ཤེ་ཡའི་ཁྲོད་ཀྱི་གནད་འགག་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་ཡིན། བོད་རིགས་རྣམས་ནི་སོ་སོ་རང་ཉིད་ལ་མངའ་བའི་སྐད་དང་ཡི་གེ རིག་གཞུང་། ཆོས་ལུགས། ཡུལ་སྲོལ་གོམས་གཤིས། བཟའ་ཆས། ཆས་གོས་བཅས་ཀྱི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་མི་ཪིགས་ཤིག་ཡིན། བོད་ཀྱི་མི་འབོར་ཕྱི་ལོ་ ༡༩༥༩ ལོར་ཚོད་རྩིས་བྱས་པ་ལྟར་ན་ས་ཡ་དྲུག་ཙམ་ཡོད་པར་བརྩི་བཞིན་ཡོད།

དུས་རབས་དུ་མའི་རིང་དུ་བོད་ནི་སོ་སོ་རང་ཉིད་ལ་ཐུན་མོང་མ་ཡིན་པའི་བྱུང་རབས་དང་། ཡུལ་སྲོལ་གོམས་གཤིས་ལྡན་པའི་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་རུང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་བཅིངས་གྲོལ་དམག་གིས་བོད་དུ་བཙན་འཛུལ་བྱས་པ་དང་། དེ་ནས་རྒྱ་ནག་གཞུང་གིས་བོད་ལ་རང་སྐྱོང་གི་གནས་བབ་སྤྲད་རྒྱུའི་ཁས་ལེན་ཇི་ལྟར་བྱེད་རུང་། བཙན་ཤེད་ཀྱིས་བོད་ཀྱི་གནའ་བོའི་རིག་གཞུང་དང་ངོ་བོ་གཏོར་བཤིག་བཏང་བ་དང། མི་རིགས་ཀྱི་ངོ་བོ་འགྱུར་བ་བཏང་རྒྱུ་བཅས་ལ་དམིགས་ཏེ་བོད་རིགས་མི་དམངས་ཀྱི་ཁྲོད་དུ་འཇིགས་སྐུལ་གྱི་སྲིད་དབང་བསྐྱངས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཞི་བའི་ཐབས་ལམ་ཞིག་ཡོང་ཆེད། མི་ལོ་དགུའི་རིང་དུ་འབད་བརྩོན་ཇི་ལྟར་བྱས་ཀྱང་རྒྱ་གཞུང་གིས་ཁས་ལེན་ ལྟར་མ་བྱས་པར་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་འོག་ནས་ཡར་ལང་བྱུང་རྗེས། ཕྱི་ལོ་ ༡༩༥༩ ལོར་ཁོང་བོད་ནས་ རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཁོང་ཕེབས་རྗེས་སུ་བོད་རིགས་སྤུན་ཟླ་འབུམ་གཅིག་ལྷག་བཙན་བྱོལ་དུ་འབྱོར་ཅིང་། དེ་ནས་བཟུང་འཛམ་གླིང་གང་སར་འཚོ་གནས་བྱེད་བཞིན་ཡོད།

བོད་དུ་གདུག་རྩུབ་ཅན་གྱི་རྒྱ་ནག་དམར་གཞུང་གི་འོག་ཏུ་བོད་རིགས་མི་དམངས་ཀྱིས་སྡུག་བསྔལ་མུ་མཐུད་དུ་མྱོང་བཞིན་ཡོད་པ་དང་། རྒྱ་ནག་གི་སྒྲིག་འཛུགས་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་ཙམ་གྱིས་དྲག་གནོན་བྱེད་ཅིང་། བསམ་ཕྱོགས་མི་མཐུན་པ་ཡོད་མཁན་གྱི་མི་དམངས་དང་སོ་སོ་རང་ཉིད་ཀྱི་རིག་གཞུང་དང་། སྐད་ཡིག། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆེད་དུ་ཡར་ལང་བྱེད་མཁན་རྣམས་འཛིན་བཟུང་བཙོན་འཇུག་བྱས་ནས་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་རེད། རང་དབང་ལྡན་པའི་ལྟ་ཞིབ་པ་དང་། གསར་འགོད་པ། ཕྱི་འབྲེལ་མི་སྣ་སུ་ཡང་བོད་དུ་འགྲོ་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད།

ཐད་ཀར་རྒྱ་ནག་གི་དབང་སྒྱུར་ལ་བརྟེན་ནས་བོད་མི་ས་ཡ་གཅིག་དང་ཚེག་གཉིས་ཀྱི་ཚེ་སྲོག་ཤོར་ཡོད་པ་ཚོད་རྩིས་བྱེད་ཀྱི་ཡོད།

 

Share This