ནེ་རྡར་ལན་ཌི་བོད་རིགས་ཚོགས་པ།

Tibetaanse Gemeenschap Nederland

Tibetan Community Netherlands

དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༩ ཉིན་ནེ་རྡར་ལན་ཌིའི་གཞུང་འབྲེལ་མི་སྣ་མཇལ་འཕྲད་ཆེད་དུ་ཕེབས་སྐབས་ས་གནས་གནས་ནེ་རྡར་ལན་ཌིའི་བོད་རིགས་མི་མང་གིས་སི་ཧི་ཕུལ་གནམ་ཐང་དུ་ཕེབས་བསུ་བཞུ་བཞིན་པ།

by | Oct 13, 2024 | news | 0 comments

ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་རྒྱུན་ལས་རྣམ་པ་དང་། སྦར་སི་སྐུ་ཚབ་དོན་གཅོད། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ། ས་གནས་བོད་རིགས་མི་མང་ནས་ཕེབས་བསུ་གཟབ་རྒྱས་གྲུབ་མཚམས། གོང་འཁོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་ནེ་རྡར་ལན་ཌིའི་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་ཆེད་དུ་གྲོང་འཁྱེར་ཧེ་གྷི་རུ་གདན་འདྲེན་ཞུ། གྲོང་ཧེ་གྷི་རུ་ནེ་རྡར་ལན་ཌིའི་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་སྤྱི་ཡོངས་ཀྱི་གནས་སྟངས་དང་། ཁྱད་པར་དུ་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་བཅས་ཀྱི་ཐོག་ལ་གསུང་བཤད་གནང་བ་དང་། གྲོས་ཚོགས་འཐུས་མི་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གནང་རྗེས། སྲིད་སྐྱོང་མཆོག་གི་ས་ནེ་རྡར་ལན་ཌིའི་གྲོས་ཚོགས་འཐུས་མི་ཚོགས་ཆུང་ཞིག་འབྱུང་འགྱུར་བཞུགས་སྒར་རྡ་རམ་ས་ལ་རུ་གདན་ཞུ་གནང་སོང་། 

  • Facebook
  • Twitter
  • LinkedIn
  • Gmail
  • Blogger

གྲོས་ཚོགས་སྐུ་ཚབ་རྣམ་པ་མཇལ་འཕྲད་གྲུབ་རྗེས། ནེ་རྡར་ལན་ཌིའི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་རྣམ་པ་དང་མཇལ་འཕྲད་གནང་ཞིང་། མཇལ་འཕྲད་སྐབས་སུ་རྒྱ་ནག་གི་སྲིད་བྱུས་དང་བོད་ཀྱི་གནས་སྟངས་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་གནང་སོང་།

  • Facebook
  • Twitter
  • LinkedIn
  • Gmail
  • Blogger

ནེ་རྡར་ལན་ཌིའི་་འཐབ་བྱུས་ཞིབ་འཇུག་སློབ་གཉེར་བསྟི་གནས་ཁང་གི་ཉམས་ཞིབ་པ་ཁ་ཅིག་དང་ཡང་མཇལ་འཕྲད་གནང་ནས་བོད་ཀྱི་གནད་དོན་དང་འབྲེལ་བ་སོགས་ཀྱི་ཐོག་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་བ་དང་་ཕྱི་ཚེས་ ༡༠ ཉིན་གྱི་་ཞོགས་པ་ཕྱག་ཚོད་ ༩ པའི་ཐོག་མཁའ་ལམ་བརྒྱུད་ལུ་གུ་སུམ་བྷུར་ཧི་ལ་ཆིབས་བསྒྱུར་བསྐྱངས་གནང་སོང་།།

Share This